查看原文
其他

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

迦入 CHARU 2021-09-15

汉语版

点击图片阅读

不丹土著拉雅人 ▎皇家高地节,一妻多夫与竹帽文化的濒临消失



༢༠༡༦ལོར་Jesse Montesཔར་བླངས།


  ལ་ཡག་པ་(Layaps)ནི་འབྲུག་ཡུལ་བྱང་རྒྱུད་དུ་སྔ་མོར་ནས་སྡོད་པའི་ཚོ་པ་ཞིག་སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༨༠༠ཡན་གྱི་ས་མཐོར་འཚོ་བ་སྐྱེལ་གྱི་ཡོད། གཙོ་བོ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བཞིན་ཡོད་ལ། ཕྱུགས་རིགས་སྤོ་འཚོའི་ཚོ་པ་ཞིག་ཡིན། མགོ་ཐོག་གི་ཐུན་མོང་མ་ཡིན་པའི་ཞྭ་མོ་དེར་འབོད་ལོའམ་ཀོང་ཞྭ་ཟེར། (Belo)སྨྱུག་སྐུད་ཀྱིས་བསླས་པའི་ཞྭ་མོ་དེ་རིགས་ལ་ཡག་པའི་རིག་གནས་ཀྱི་མཚོན་རྟགས་རང་བཞིན་གྱི་གཟུགས་བརྙན་ཞིག་ཏུ་གྱུར་ཡོད།


རྩོམ་ཡིག་ཁྲོད་ཀྱི་འདྲ་པར་བདག་དབང་ངེད་འཕྲིན་སྟེགས་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག



ལ་ཡག་མིའི་རིག་གནས།  Dorte Verner/ Christian/David Samuel Robbinsཔར་བླངས།



བན་བོན་མཉམ་འདྲེས།


འབྲུག་ཡུལ་གྱི་ལ་ཡག་ཡུལ་ཚོ་ནི་སའི་གོ་ལའི་ཐོག་གི་ཐག་རིང་ལུང་ཁུག་གི་ས་ཁུལ་གྱི་གྲས་ཡིན་ལ། ཧི་མ་ལ་ཡའི་རྒྱལ་ཁབ་ཀྱི་བྱང་རྒྱུད་ཀྱི་གཞིས་ཆགས་ས་དང་འབྲུག་ཡུལ་གྱི་ཆེས་མཐོ་བའི་ཡུལ་ཚོ་ཞིག་ཡིན། ཚོ་པ་ཧྲིལ་བོར་ཕལ་ཆེར་ཁང་བ་༡༡༠ལྷག་ཡོད། ལ་ཡག་པས་ཁོ་ཚོའི་ཕ་ཡུལ་ལ་སྦས་ཡུལ་(Be-Yul)ཞེས་འབོད་བཞིན་ཡོད་ལ། དེ་ནི་རི་ཁྲོད་དུ་སྦས་གསང་བྱས་ཡོད་པའི་ཡུལ་ཡིན་པས་ན་དེ་ལྟར་བརྗོད།


ལ་ཡག་ཚོ་པའི་སྒོ་ཆེན།  Christianཔར་བླངས།


ལ་ཡག་གི་ཁང་པ་༡༡༠ Christianཔར་བླངས།


སངས་རྒྱས་ཆོས་ལུགས་དུས་རབས་བདུན་པར་བོད་ནས་འབྲུག་ཡུལ་དུ་མ་དར་གོང་དུ་ལ་ཡག་པས་བོན་ཆོས་ལ་དད་པ་བྱེད། ངག་རྒྱུན་ལྟར་ན་འབྲུག་ཡུལ་གྱི་ཞབས་དྲུང་དབང་རྣམ་རྒྱལ་(NgawangNamgyal) ཐོག་མར་འབྲུག་ཡུལ་གྱི་ལ་ཡག་ཡུལ་ཚོར་སླེབས་པ་དང་། འདིར་སངས་རྒྱས་ཆོས་ལུགས་ཀྱིས་བོན་ཆོས་ཀྱི་ཚབ་ཡོངས་སུ་བྱས་མེད་ལ། བོན་ཆོས་ཀྱི་"དངོས་པོ་ཀུན་ལ་རྣམ་ཤེས་ལྡན་པའི"་འདུ་ཤེས་དང་ནང་བསྟན་ཕན་ཚུན་མཉམ་འདྲེས་བྱས་ནས་དེ་གཉིས་མཉམ་གནས་ཀྱི་དོ་སྙོམས་ངང་མངོན་འགྱུར་བྱུང་ཡོད།


ལ་ཡག་གིས་ཁྱིམ་ཚང་རེ་རེས་ལོ་རེར་ཆོ་ག་རེ་སྤེལ་སྲོལ་ཡོད། ཆོ་ག་ (Choku)འདིའི་རིགས་ནི་ཁང་བའི་སྲུང་མ་ལ་རྗེས་དྲན་བྱེད་ཆེད་ཡིན། ཆོ་ག་(Choku)ནི་གཟབ་རྒྱས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་ཡིན། ཡུལ་ཚོའི་ནང་གི་མིས་ཆེད་དུ་ཉིན་གཉིས་ནས་གསུམ་བར་གྱི་དུས་ཚོད་བེད་སྤྱད་ནས་རྟེན་འབྲེལ་ཞུ་བ་དང་གྲོང་ཚོའི་ནང་གི་ཆོས་པ་ཆོས་འདོན་དུ་ཡོང་པ་སོགས་སྲོལ་རྒྱུན་གྱི་གོམས་སྲོལ་དེ་དག་ནི་སངས་རྒྱས་ཆོས་ལུགས་འབྲུག་ཡུལ་དུ་མ་དར་གོང་ནས་བྱུང་པ་ཞིག་རེད།



ལ་ཡག་མིའི་ཞབས་བྲོ།  Alex Reynolds པར་བླངས།


ལ་ཡག་གི་དུས་ཆེན།


ལ་ཡག་(Laya)ནས་ལོ་རེར་བོང་ཀོའི་དུས་སྟོན་ “Bongkpo”སྤེལ་སྲོལ་ཡོད། དུས་སྟོན་འདི་སྤེལ་དོན་ནི་དཔྱིད་ཀ་སླེབས་པར་རྟེན་འབྲེལ་ཞུ་བའི་ཆེད་དང་ཆར་ཆུ་དུས་སུ་འབབས་པ། ཞིང་ལས་ཐོན་རྫས་ཕུན་སུམ་ཚོགས་པ་དང་ཕྱུགས་ཟོག་ཤ་ཤེད་རྒྱས་པར་སྨོན་ལམ་རྒྱག་པ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་མཛད་སྒོ་ནི་རྒྱུན་ལྡན་བསྙེན་བཀུར་གྱི་ཆ་ཤས་ཤིག་ཡིན་ལ། འདི་ནི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པའི་ཆ་ནས་ལུགས་རྙིང་གི་ཟླ་༡༠ཚེས་༡༠ཉིན་ནས་ཚེས་༡༥ཉིན་བར་དུ་སྤེལ་བ་ཡིན།


གཞན་ཡང་གོང་མ་ཚང་གི་རྒྱལ་འཛིན་ལ་ཁའི་དགའ་སྟོན་(the Royal Highlander Festival)ཡང་ལ་ཡག་གི་ལོ་རེའི་གཟབ་རྒྱས་ཆེ་བའི་དུས་ཆེན་གྱི་གྲས་ཤིག་ཡིན། དུས་ཆེན་འདི་ནི་འབྲུག་ཡུལ་གྱི་རྒྱལ་བོ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་གྲགས་ལགས་ཀྱི་སྲོལ་བཏོད་པ་ཞིག་ཡིན། 


རྒྱལ་འཛིན་ལ་ཁའི་དགའ་སྟོན།


༢༠༡༧ལོ་ནི་རྒྱལ་འཛིན་ལ་ཁའི་དགའ་སྟོན་གྱི་ལོ་གཉིས་པ་ཡིན་པ་དང་འབྲུག་ཡུལ་གྱི་གོང་མ་ཚང་དང་དེ་བཞིན་ས་ཁུལ་གཞན་དག་གི་མི་རྣམས་ལ་ཡག་གིས་ས་གནས་ཁག་གི་དམངས་སྲོལ་རིག་གནས་མཉམ་སྤྱོད་བྱེད་པར་ཡོང་པ་ཡིན། ཉིན་གཉིས་ཀྱི་དུས་ཚོད་ནང་དུ་ས་གནས་དེ་གའི་མི་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཟས་མཆོག་གྲ་སྒྲིག་བྱེད་ལ། འབྲུག་ཡུལ་གྱི་སྐྱེས་པས་སྦེ་ག་འགྲན་པ་དང་རྟ་རྒྱུག་འགྲན་བསྡུར་བྱེད་པ། དེ་བཞིན་ཞབས་བྲོ་སོགས་འཁྲབ། དུས་ཆེན་གྱི་རྣམ་པ་ཟབ་མོ་འདི་འདྲ་ཞིག་གིས་འབྲུག་ཡུལ་གྱི་རྒྱང་རིང་ལུང་ཁུག་དུ་གནས་པའི་ལ་ཡག་ཡུལ་ཚོར་འོད་སྣང་དང་བརྩེ་བ་འཁྱེར་ཡོང་།


ལ་ཡག་བུད་མེད་དང་འབྲི་གཡག  Alex Reynoldsཔར་བླངས། 


འབྲི་གཡག་ནོར་བུར་བརྩི་བ།


ལ་ཡག་པ་ནི་ཕྱུགས་རིགས་སྤོ་འཚོའི་ཚོ་པ་ཞིག་ཡིན་པ་དང་ཞིང་རྨོ་བ་ནི་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་ཀྱི་གྲས་ཤིག་ཡིན་པ་དང་ནས་འདེབས་རྒྱུ་གཙོ་བོར་བྱེད་བཞིན་ཡོད། ཕྱུགས་འཚོ་སྐྱོང་བྱེད་པ་ནི་ཁོ་ཚོའི་རྒྱུན་གཏན་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ། འབྲི་གཡག་གིས་ཁོ་ཚོར་འོ་མ་དང་མར། ཞོ། ཆུར་བ་སོགས་རྒྱུན་གཏན་གྱི་བཟའ་བཅའ་འཁྱེར་ཡོང་བ་མ་ཟད། ནོར་གྱི་རྩིད་པ་དང་བལ་ནི་ཁོ་ཚོའི་གྱོན་ཆས་དང་སྦྲ་གུར་བཟོ་བྱེད་ཀྱི་རྒྱུ་ཆའི་ཡོང་ཁུངས་ཡིན།


སྦྲ་གུར་ནི་ལ་ཡག་པ་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་ལ། དེ་གང་ལགས་ཤེས་ན་ཕྱུགས་རིགས་སྤོ་འཚོའི་འཚོ་བ་སྐྱེལ་སྟངས་ལས་ནོར་ཁྱུ་ལ་འཚོ་བཅུད་དེ་བས་འདང་ངེས་ཤིག་རག་ཐུབ་པ་དང་ལ་ཡག་པས་ནོར་གྱི་རྩིད་པའི་ལག་ཤེས་ལ་བརྟེན་ནས་སྲ་ཞིང་དམ་པའི་སྦྲ་གུར་བསླས་འཐག་བྱེད་པ་ཡིན། རང་བྱུང་འོད་བསླས་འཐག་གི་བར་གསེང་བརྒྱུད་ནས་སྦྲ་གུར་ནང་དུ་ཕོག་ཐུབ་ལ། དུ་སྨུག་ཀྱང་ཡལ་སླ། གནའ་ནས་ད་བར་འབྲི་གཡག་གི་རྩིད་པའི་ལག་ཤེས་བཟོ་རྩལ་ལ་ཚང་མས་གོང་བཀུར་ཆེན་པོ་བྱེད་པ་དང་ལ་ཡག་པས་ནོར་ནི་རྟེན་འབྲེལ་མཚོན་བྱེད་ཀྱི་ནོར་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།


འབྲི་གཡག་གི་ཁུལ་རྩིད་སླ་བ། Dorte Vernerཔར་བླངས།


ལ་ཡག་པས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་མོ་ཡོད་པས་ཕྱུགས་འཚོ་ཐལ་དྲགས་པ་མི་ཡོང་བ་བྱ་ཆེད་དུ་དགུན་དུས་ཁོང་ཚོ་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོ་བྱས་ནས་འཚོ་བ་སྐྱེལ་ལ། ངལ་རྩོལ་ནུས་ཤུགས་དང་འབྲི་གཡག་གི་ཞོར་ཐོན་དངོས་རྫས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་སྡོད་གནས་བརྗེས་པ་དང་ཁོང་ཚོས་གནའ་བོའི་བློ་གྲོས་ལ་བརྟེན་ནས་ཧི་མ་ལ་ཡ་ས་མཐོའི་གྲང་ངར་ཆེ་བའི་གནམ་གཤིས་ལ་ཁ་གཏད་བྱེད་ཐུབ། འདི་ལྟ་བུའི་གནས་སྤོར་བྱེད་ཐབས་ཀྱིས་ལ་ཡ་མི་ཡི་ལོ་ངོ་སྟོང་གི་སྲོལ་རྒྱུན་གོམས་སྲོལ་མཚོན་ཐུབ། དབྱར་ཁའི་དུས་ཚོད་མང་ཆེ་བར་ཁོ་ཚོ་རྩྭ་ཐང་གི་སྦྲ་གུར་ནང་དུ་བསྡད་ཡོད།


འབྲི་གཡག་བུད་མེད་དང་སྦྲ་ནག ༢༠༡༦ལོར་Jesse Montesཔར་བླངས།


ལ་ཡག་བུད་མེད་ཀྱི་ཞིང་རྨོ་བཞིན་པ། Dorte Vernerཔར་བླངས།


ཤུག་གཅིག་ཁྱོ་མང་གི་ལུགས་སྲོལ།


ལ་ཡག་པས་སྔོན་ཆད་ནས་ད་ལྟའི་བར་དུས་ཡུན་རིང་པོ་ཞིག་ལ་ཤུག་གཅིག་ཁྱོ་མང་སྲོལ་རྒྱུན་གྱི་གཉེན་སྒྲིག་ལམ་ལུགས་རྒྱུན་འཁྱོངས་བྱས་ཡོད། ཁྱོ་ག་མང་ཆེ་བ་ཕན་ཚུན་བར་སྤུན་ཟླ་ཡིན། ལམ་ལུགས་འདི་ནི་གཙོ་བོ་ཁྱིམ་ཚང་གི་ཐོན་ཁུངས་བསྡུ་རུབ་དང་མི་རེ་རེས་རང་འགན་རང་ཁུར་བྱེད་པའི་ཆེད་དུ་ཡིན། ཁྱོ་ག་གཅིག་གིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་རོགས་བྱེད་ཐུབ་པ་དང་ཁྱོ་ག་གཅིག་གིས་ཕྱི་ཕྱོགས་ལ་སོང་ནས་ཉོ་ཚོང་བྱས་ཆོག ཁྱིམ་ཚང་སོ་སོའི་ས་ཞིང་གི་སྒྲིག་གཞི་དེའི་རྐྱེན་གྱིས་ཁ་བྲལ་མི་སྲིད་པས་མི་རབས་རྗེས་མར་རྒྱུན་འཛིན་སྔར་ལས་ལེགས་པ་བྱེད་ཐུབ།


ལ་ཡག་འགོ་པ་ལྷག་པ་ཚེ་རིང་གི་བཤད་རྒྱུར། (Laya Gup Lhakpa Tshering) “ལ་ཡག་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་མ་ཟད་ཐོག་མཐའ་བར་གསུམ་དུ་རང་ཚུགས་ངང་རི་ཁྲོད་དུ་སྦས་གསང་བྱས་ནས་བསྡད་ཡོད། ཡུལ་ཚོ་ཕུད་པའི་མི་གཞན་པར་མནའ་མར་སོང་ན་མཐོང་ཆུང་བྱེད་སླ་ལ། ཆུང་ལ་རང་ཚུགས་ཀྱི་ངང་ནས་བསྡད་ཡོད་པའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཡིད་ཆེས་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན། ལ་ཡག་མིས་མཉམ་དུ་འཚོ་བ་རོལ་བར་དགའ། རྒྱུ་མཚན་ནི་མི་མང་པོ་ཞིག་ལ་རང་གི་ཁང་བ་ལས་པའི་ནུས་པ་མེད་ལ། དེར་བརྟེན་ཁྱོ་ག་གཅིག་གིས་མི་ཚད་པའི་མནའ་མར་འགྲོ་བའི་གོམས་སྲོལ་ཧ་ཅང་ཡོངས་ཁྱབ་ཏུ་གནས་ཡོད"་ཅེས་བཤད།


ལ་ཡག་བུད་མེད། Christianཔར་བླངས།


ལོ་༢༩ཅན་གྱི་ཚེ་རིང་(Tshering)ལ་ཁྱོ་ག་གཉིས་ཡོད་པ་དང་ཁོ་ཚོའི་བར་སྤུན་ཟླ་ཡིན། ཁོ་མོ་ལོ་༡༦སྟེང་གཅེན་པོར་མནའ་མར་བྱིན། ཁོང་གཉིས་ཀྱི་ནང་ནས་གཅིག་ནི་ཤིང་བཟོ་དང་གཞན་ཞིག་ནི་འབྲོག་པ་ཡིན།


"ངའི་ཁྱོ་ག་གཉིས་ནི་གཅེན་གཅུང་ཡིན་པས་ཁོ་གཉིས་བར་འགལ་ཟླ་གང་ཡང་མེད། ད་ལྟ་གནས་ཚུལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་མི་རྣམས་དེ་བས་རང་རྐྱ་འཕེར་བ་ཞིག་ཏུ་གྱུར་ཡོད། "དུས་རབས་བརྗེ་པའི་རྐྱེན་གྱིས་སྲོལ་རྒྱུན་གོམས་སྲོལ་ལ་ཡང་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བ་འགྲོ་བཞིན་འདུག ལོ་༥༢ལ་སླེབས་པའི་རྡོ་རྗེ་(Dorji) ཡིས་བཤད་རྒྱུར། དེང་སྐབས་ཀྱི་བྱིས་པ་ཚོ་བཟའ་ཟླ་གཅིག་མ་གཏོགས་མེད་པར་དགའ་བས་ང་ཚོས་ཀྱང་ཁོང་ཚོར་བཙན་ཤེད་བྱེད་ཐབས་བྲལ"་ཅེས་བཤད།


 Dorte Vernerཔར་བླངས།


སྲོལ་རྒྱུན་གྱི་སྨྱུག་ཞྭའི་ཡོང་ཁུངས།


སྲོལ་རྒྱུན་གྱི་སྨྱུག་ཞྭ་ནི་ལ་ཡག་གི་གནའ་བོའི་རིག་གནས་ཀྱི་མཚོན་རྟགས་ཡིན། འབྲུག་ཡུལ་འཕྲིན་སྐྱེལ་ཁང་གི་འགོ་གཙོ་ཀུན་ལེགས་རྡོ་རྗེས་(Kinley Dorji) ལ་ཡག་གི་ཚོང་བ་(Business Bhutan) དང་ཁ་བརྡ་བྱེད་པའི་སྐབས་སུ། ལ་ཡག་གི་རྒྱན་གོས་རྒྱབ་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བཤད། “དུས་རབས་བརྒྱད་པའི་སྐབས་སུ་གུ་རུ་རིན་པོ་ཆེས་(Guru Rinpoche)བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(Trisong Deutsen)ལ་བསམ་ཡས་དགོན་པ་(Samye)བཞེངས་རོགས་བྱེད་པའི་སྐབས་སུ། སློབ་དཔོན་གྱིས་མིང་ལ་གླུད་(Lue)ཟེར་བའི་འཇིམ་སྐུ་གཉིས་བཟོས་ལ། སྐྱེས་པའི་འཇིམ་སྐུ་མེ་རག་Merak དུ་འཁྱེར་བ་དང་བུད་མེད་ཀྱི་འཇིམ་སྐུ་ལ་ཡག་(Laya)་དུ་འཁྱེར།


དེ་ནས་ས་ཆ་འདི་དག་གི་མི་རྣམས་ཀྱིས་འདྲ་རིས་དེ་དག་གི་གོན་པ་ལ་ལད་ཟློས་བྱེད་མགོ་བརྩམས། སྲོལ་རྒྱུན་གྱི་སྨྱུག་ཞྭ་ནི་གོན་པའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ལ་སྔོན་ཆད་ལ་ཡག་བུད་མེད་ཚོས་ཉིན་རྒྱུན་དུ་གོན་བཞིན་ཡོད།


ལ་ཡག་བུད་མེད་དང་བྱིས་པ། ༢༠༠༩ལོར་ Richard Muraiཔར་བླངས།


སྨྱུག་ཞྭ་གོན་པའི་ལུགས་སྲོལ་རིམ་གྱིས་ཉམས་བཞིན་པ།


འོན་ཀྱང་། ད་ལྟ་ལ་ཡག་པས་"ཚེས་བཅུ “(Tshechu)་སོགས་དམིགས་བསལ་གྱི་གནས་ཡུལ་ཁོ་ནར་གཞིག་ནས་སྨྱུག་ཞྭ་གོན་པ་དང་། དེང་རབས་ཤེས་རིག་གི་རྡུང་རྡེག་འོག་ལ་ཡག་དུ་བསླས་འཐག་ལས་རིགས་ལག་རྩལ་པ་གསུམ་ལས་ལྷག་མེད་ལ། གཞོན་ནུ་མང་ཆེ་བར་ལག་རྩལ་དེ་སློབ་སྦྱོང་བྱ་རྒྱུར་སྤྲོ་བ་མེད་པ་དང་ལ་ཡག་སྲོལ་རྒྱུན་སྨྱུག་ཞྭ་བཟོ་རྩལ་རིམ་བཞིན་ཉམས་རྒུད་དུ་སོང་ནས་མེད་པར་འགྱུར་བའི་ཉེན་ཁ་འཕྲད་ཡོད།


འཆི་མེད་སྒྲོལ་མ་(Chimi Dem)དང་ཁོ་མོའི་ཁྱོ་ག་ནི་ལ་ཡག་གི་བསླས་འཐག་ལས་རིགས་ལག་རྩལ་པ་གསུམ་ཁྲོད་ཀྱི་གཉིས་ཡིན། འཆི་མེད་(Chimi)ཡིས་ནང་འདྲེན་ཞྭ་མོས་སྲོལ་རྒྱུན་སྨྱུག་ཞྭའི་ཚབ་བྱེད་པར་སེམས་ཁུར་བྱེད་བཞིན་འདུག ཁོ་མོས་བཤད་རྒྱུར་"གལ་ཏེ་འདི་གར་སྨྱུག་ཞྭ་འཐག་པའི་ལག་རྩལ་མི་དགོས་ཚེ་འགྱིག་ཤོག་གིས་བཟོས་པའི་ཞྭ་མོ་མགྱོགས་མྱུར་ངང་ལ་ཡག་ཁྲོམ་རར་འཛུལ་ཐུབ”་ཅེས་བཤད།


འཆི་མེད་(Chimi)ཡིས་ཁོ་མོའི་ཚེ་ལས་འདས་པའི་ཨ་ཕའི་གམ་ནས་ལག་རྩལ་འདི་སློབ་ཐུབ་སོང་། འདས་ཟིན་པའི་ལོ་བཅོ་ལྔ་ཡི་ནང་དུ་ཁོ་མོས་ཞྭ་མོ་བརྒྱ་ཕྲག་ཁ་ཤས་བསླས་ཐུབ་པ་དང་ཞྭ་མོ་གཅིག་ལེགས་འགྲུབ་བྱེད་པར་ཏག་ཏག་ཉིན་གཅིག་གི་དུས་ཚོད་དགོས་ལ། ཞྭ་མོ་གཅིག་བཙོང་ན་དངུལ་བཀྲམ་600གསོག་ཐུབ་ཟེར།



  སྨྱུག་ཞྭ་ལས་བཞིན་པ།  Dorte Verner摄


འཆི་མེད་(Chimi)ཡིས་ཁོ་མོའི་ཚེ་ལས་འདས་པའི་ཨ་ཕའི་གམ་ནས་ལག་རྩལ་འདི་སློབ་ཐུབ་སོང་། འདས་ཟིན་པའི་ལོ་བཅོ་ལྔའི་ནང་དུ་ཁོ་མོས་ཞྭ་མོ་བརྒྱ་ཕྲག་ཁ་ཤས་བསླས་ཐུབ་པ་དང་ཞྭ་མོ་གཅིག་ལེགས་འགྲུབ་བྱེད་པར་ཏག་ཏག་ཉིན་གཅིག་གི་དུས་ཚོད་དགོས་ལ། ཞྭ་མོ་གཅིག་བཙོང་ན་དངུལ་བཀྲམ་༦༠༠གསོག་ཐུབ་ཟེར།


འཆི་མེད་(Chimi)བློ་ཕམ་ཡིད་ཆད་ཀྱི་ངང་ནས་བཤད་རྒྱུར་"མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ཞྭ་མོར་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གང་ཡང་བེད་སྤྱད་མེད་པས་གལ་ཏེ་ན་གཞོན་རྣམས་ལག་རྩལ་འདི་སློབ་སྦྱོང་བྱེད་པར་སྤྲོ་བ་ཡོད་ཚེ་དེ་ནི་དོན་བཟང་ཞིག་རེད། གང་ལགས་ཤེ་ན་དེ་ནི་ལག་རྩལ་དེ་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་པས་ང་ཁོང་ཚོར་སློབ་ཁྲིད་བྱེད་པར་ཧ་ཅང་དགའ་པོ་བྱུང་ཡོད། འོན་ཀྱང་མིག་སྔར་ད་དུང་སློབ་སྦྱོང་བྱེད་འདོད་པའི་སློབ་མ་མེད"་ཅེས་བཤད།



སྨྱུག་ཞྭ་ལས་བཞིན་པ།  Dorte Vernerཔར་བླངས།


བྱ་དངོས་རྙིང་བ་མེད་པར་གྱུར་བ།


ད་ལྟ། ལ་ཡག་གི་བུད་མེད་མང་པོ་ཞིག་སྲོལ་རྒྱུན་གྱི་ལྭ་བ་སྣམ་བུ་(zum)གོན་པར་མི་དགའ་བར་དཀྱི་ར་(kira)གོན་པར་ལྷག་ཏུ་དགའ། འདི་ནི་ཞྭ་མོ་རིམ་གྱིས་ཉམས་བཞིན་པའི་རྒྱུ་རྐྱེན་གཅིག་ཡིན།


འཆི་མེད་(Chimi) ཡིས་བཤད་རྒྱུར་"གལ་ཏེ་ང་ཚོས་སྲོལ་རྒྱུན་གྱི་ལྭ་བ་གོན་ཚེ་ངེས་པར་དུ་ཞྭ་མོ་གོན་དགོས་པ་དེ་ནི་ང་ཚོའི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་ཡིན། འོན་ཀྱང་། དཀྱི་ར་(kira)གོན་ན་ཞྭ་མོ་གོན་མི་དགོས་ལ། ད་ལྟའི་ན་གཞོན་བུད་མེད་ཚོ་དཀྱི་ར་(kira)ལ་ཤིན་དུ་དགའ་པོ་ཡོད་པས་ཞྭ་མོ་གོན་པའི་སྲོལ་རྒྱུན་དེ་རིམ་གྱིས་ཉམས་བཞིན་འདུག"་ཅེས་བཤད། དེང་རབས་ཀྱི་ཤེས་རིག་རིམ་བཞིན་སྲོལ་རྒྱུན་རིག་གནས་ནང་སིམ་འཛུལ་བྱེད་པའི་དེང་གི་དུས་འདིར་ལ་ཡག་ནས་ཀྱང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཉམས་དམས་སུ་འགྲོ་བཞིན་པའི་ཉེན་ཁ་ལ་ཐུག་འདུག དེ་ནི་འཛམ་གླིང་ལ་འཕྲད་པའི་འགྲན་སློང་གལ་ཆེན་ཞིག་ཏུ་གྱུར་ཡོད།


ཨ་ཕ་པདྨ་རྡོ་རྗེ་(Ap Pema Dorji)ཡིས་བཤད་པ་ནང་བཞིན། "འགྱུར་ལྡོག་ནི་བྱ་བ་བཟང་པོ་ཞིག་ཡིན་ནམ་བྱ་བ་ངན་པ་ཞིག་ཡིན་པ་དེ་བཤད་ཁག་པོ་ཞིག་རེད། སྐབས་འགར་བྱ་དངོས་རྙིང་པ་རྩ་མེད་དུ་འགྲོ་བ་དང་བྱ་དངོས་གསར་པ་ཇེ་མང་དུ་འགྲོ་སྲིད།”ཅེས་བཤད།


ལ་ཡག་བུད་མེད་དང་བྱིས་པ།  ༢༠༡༧ལོར་Kencho Wangdiཔར་བླངས།


ཤེས་རིག་གི་འགྱུར་ལྡོག་ནི་ཐིག་རིས་མིན་པར་འཁོར་བ་ཡིན།

མེད་པར་གྱུར་བ་དང་མེད་པར་འགྱུར་ལ་ཉེ་བའི་བྱེད་ལུགས་གཞན་ཞིག་གིས་ཡང་བསྐྱར་བསྐྱར་གསོན་བྱེད་པ་དེ་ཡིན།



情人节独创设计圣湖项链

点击图片进入小程序了解


情人节独创设计冈仁波齐项链

点击图片进入小程序了解




往期文章

可点击图片阅读

喜马拉雅的心脏—多波。

卡尔梅克共和国 ▎从萨满到藏传佛教

雪怪从不丹走来。

邮票上的不丹王国。

喜马拉雅的边缘部落

为我们讲述您的故事,您与藏地的故事
加入迦入,微信号:charuspace
参考文献:

Weaving Conical Hats; A Dying Craft

Laya’s traditional hat under threat of disappearance

http://www.bbc.co.uk/tribe/tribes/layap/index.shtml

摄影来源:https://www.dorteverner.com/

Jesse Montes   Alex Reynolds 

Christian/David Samuel Robbin

翻译:刘时 普桑加
文中素材请勿随意印刷转载 后果自负
合作及投稿请加微信:charuspace

: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存